top of page

བྷོ་ཊིའི་སྐད་ཡིག་ཉིན་མོར་འཚམས་འདྲི་ཞུ་བ་དང་འབྲེལ།

Writer: Lamdon School LehLamdon School Leh


༈ རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་གིས་རྒྱ་གར་རྒྱལ་ཁབ་ཆེན་པོའི་འཛོམས་ར་འོག་མའི་ནང་བྷོ་ཊིའི་སྐད་ཡིག་དེ་ཉིད་རྒྱ་གར་གྱི་རྩ་ཁྲིམས་ལེའུ་བརྒྱད་པའི་ནང་འཚུད་དགོས་པའི་ཁྲིམས་འཆར་འདོན་སྤེལ་མཛད་ཡོད་པ་གཞིར་བཟུང་། ཉེ་ཆར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་ལོ་ལྟར་ཕྱི་ཟླ་བཞི་པའི་ཚེས་གཅིག་ཉིན་བྷོ་ཊིའི་སྐད་ཡིག་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་དུས་ཚིགས་སུ་གཏན་འབེབས་མཛད་པའི་གཏམ་བཟང་དང་། འདི་ལོར་དེ་རིང་སྟེ་ཟླ་བ་བཞི་པའི་ཚེས་བཞི་ཉིན་བྷོ་ཊིའི་སྐད་ཡིག་ཉིན་མོ་སྲུང་བརྩི་ཞུ་བའི་འགོ་འཛུགས་ཞུས་པར། ལམ་སྒྲོན་དཔེ་གསར་མཐོ་རིམ་སློབ་གྲྭ་ནས་བཀྲ་ཤིས་བདེ་ལེགས་ཞུ།

དེ་ཡང་བྷོ་ཊིའི་སྐད་ཡིག་ནི་ཧི་མ་ལ་ཡ་རི་ལྗོངས་ཁུལ་དུ་གནས་པའི་མི་རིགས་ཡོངས་ཀྱི་བླ་སྲོག་འཆང་བ་མ་ཟད་། མོས་པོ་དམ་པའི་བསླབ་བྱ་དང་མན་ངག་གི་བརྒྱུད་པ་དག་ཁོག་ཏུ་བཟུང་ཡོད་ཅིང་། ད་དུང་བྷོ་ཊིའི་སྐད་ཡིག་གིས་མཁས་པའི་གསུང་རབ་ཀུན་ལེགས་སྐྱེས་སུ་བསྣམས་ནས་ཕེབས་ཡོད་པས་ང་རང་ཚོའི་རྨོངས་པའི་གཉིད་ཀྱང་བྷོ་ཊིའི་སྐད་ཡིག་གིས་སེལ་བཞིན་ཡོད། སོང་ཙང་བྷོ་ཊིའི་སྐད་ཡིག་ནི་ཆེས་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་གྱུར་ཡོད་པས། ལམ་སྒྲོན་དཔེ་གསར་མཐོ་རིམ་སློབ་གྲྭའི་སློབ་སྤྱི་གཙོ་པའི་དགེ་ལས་སློབ་ཕྲུག་ཡོངས་་ནས་རྒྱལ་སྲས་བཀུ་ལ་ཚོགས་ཁང་དུ་བྷོ་ཊིའིསྐད་ཡིག་ཐོག་གཏམ་བཤད་སྙན་རྩོམ་དང་ཡིག་གཟུགས་འགྲན་སྡུརསོགས་གོ་སྒྲིག་གཞུས་ཡིན་ལ།

དེ་སྐབས་སྐུ་མགྲོན་གཙོ་དབུས་གཞུང་ནང་པའི་རིགས་གནས་གཙུག་ལག་སློབ་གཉེར་ཁང་གི་རིག་གནས་སློབ་དཔོན་ཆེན་པོ་མཁན་པོ་དགེ་དཀོན་མཆོག་ཐུབ་བསྟན་མཆོག་གིས་སློབ་ཕྲུག་རྣམས་ལ་ལམ་སྟོན་བཀའ་སློབ་གནང་བ་མ་ཟད། བྷོ་ཊིའི་སྐད་ཡིག་འདི་ཡར་རྒྱས་གཏོང་ཐབས་སུ་དུས་དེབ་སྤེལ་བའི་ཆེད་ཧིན་སྒོར་གཉིས་ཁྲི་ཐམས་པ་རྩལ་བ་བཀའ་དྲིན་ཆེ་ཞུ།


ཕྱི་ལོ་ ༢༠༢༢ ཟླ་བ་ ༠༤ ཚེས་ ༠༤ ཉིན་ལམ་སྒྲོན་དཔེ་གསར་མཐོ་རིམ་སློབ་གྲྭ་གླེ་ནས།



 
 
 

Comments


bottom of page